འོས་མི་གསར་ཤོས།: DR. LOBSANG PALDEN

རྒྱབ་སྐྱོར་གསར་ཤོས།: ༩ ཕྱི་ཟླ་གསུམ་པ།, Dr. Lobsang Palden

གསར་འགྱུར་གསར་པ།: འོས་ཐོན་པ་རྣམ་པར་དྲི་བ།

སྤྱི་ལོ་༢༠༡༡ གི་བཀའ་བློན་ཁྲི་པའི་འོས་འདེམས།

བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཙན་བྱོལ་བོད་གཞུང་གི་སྲིད་བློན་གྱི་མཛད་འགན་ སྤྱི་ལོ་༢༠༠༡༡ ལོའི་ཟླ་བ་༨ པར་མཇུག་རྫོགས་འགྲོ་ཡི་ཡོད་པ་རེད། དུས་ཚོད་དེ་ད་དུང་ལོ་ཁ་ཤས་ཀྱི་རྗེས་སུ་ཡིན་མོད། འོན་ཀྱང་ད་ལྟའི་དུས་སྐབས་འདི་ང་ཚོས་བཀའ་བློན་ཁྲི་པའི་འོས་གཞི་འདེམས་འཚོལ་བྱེད་པའི་འགོ་འཛུགས་ཀྱི་དུས་སྐབས་ རྩ་ཆེན་ཞིག་ཆགས་ཡོད། གལ་ཏེ་བཀའ་བློན་ཁྲི་པའི་འོས་མི་འཚོལ་རྒྱུ་དེ་ཕྱིས་འགྱངས་བྱེད་པ་ཡིན་ན། ང་ཚོས་ལས་ འགན་མ་གྲུབ་པ་ཞིག་ཏུ་འགྱུར་རྒྱུ་ཡིན། གང་ལགས་ཟེར་ན། ད་ལྟ་ང་ཚོར་ཡོད་པའི་དུས་ཡུན་འདི་ལ་ལས་འགན་གལ་ཆེན་ འདི་རྩོམ་རྒྱུའི་དུས་ཚོད་ལྡེང་ཙམ་ཞིག་ལས་མེད། དེ་ལས་ལྡོག་སྟེ་ད་དུང་ངང་སྒུག་བྱས་ནས་བསྡད་ན་ཆག་སྒོ་ཞིག་ཡོང་རྒྱུ་ ལས་གཞན་གང་ཡང་མེད། སྐབས་རྗེས་མའི་བཀའ་བློན་ཁྲི་པ་དེའི་ལས་ཡུན་ལོ་ལྔར་གཏན་འཁེལ་ཡོད་པ་རེད། དུས་ཡུན་དེ་ནི་གནད་འགག་ཅན་གྱི་ དུས་སྐབས་ཤིག་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་དུས་དགུང་ན་ཆེས་ བགྲེས་པ་སྟེ། དགུང་གྲངས་བརྒྱད་ཅུ་གྱ་གཅིག་ཙམ་ལ་བཀའ་ཁྲི་རྗེས་མའི་ལས་ཡུན་མཇུག་སྒྲིལ་གྱི་ཡོད་པ་རེད། དེར་བརྟེན་ སྐབས་རྗེས་མའི་བཀའ་བློན་ཁྲི་པའི་ལས་སྣེ་དེ་ཆེས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁྲི་པའི་འོས་མི་དེས་ལས་འགན་སྔར་ ལས་ཆེ་བ་ཐུགས་བཞེས་གནང་དགོས་པ་རེད། དེ་འདྲ་སོང་ཙང་བཀའ་བློན་ཁྲི་པ་གསར་པ་དེ་ལ་དབུ་ཁྲིད་ཀྱི་འཇོན་ཐང་ དམིགས་བསལ་ཡོད་པ་དང༌། སྲིས་གཞུང་སྣེ་ཁྲིད་ཀྱི་ཐབས་རྩལ་ཁྱད་འཕགས་ལྡན་པ། བློ་སྤོབས་ཅན་གྱི་ལྟ་ཚུལ་གསལ་ཞིང་ རྣོ་ངར་དང་ལྡན་པ་དཔེར་ན་གཞོན་སྐྱེས་ཚོར་ཡིད་འགུལ་ཐེབས་ཏེ་ཁོང་ཚོའི་དོ་སྣང་དང་ཡིད་སྨོན་ཡང་བསྐུལ་ནུས་པ་སོགས་ ཀྱི་ཆ་རྐྱེན་ཚང་བ་ཞིག་དགོས།